《澜沧杂多微电台》第六十五期——山歌飞自澜沧江

杂多在线2020-05-21 10:32:19

 杂多在线,每天都有新内容!

投稿邮箱:zdxxcb@163.com



གླུ་ནི་བོད་མི་རིགས་ཀྱི་རྒྱུན་ལས་ཀྱི་འཚོ་བ་ཕྱིར་གཏོན་པ་དང་གངས་ལྗོངས་སྤྱིའི་རིག་གནས་ལ་སྟོད་བསྔགས་བྱ་བར་མ་ཚད་ལྷན་གྱིས་གྲུབ་པའི་རང་བྱུང་ཁོར་ཡུག་གི་གསོ་སྐྱོང་ལ་དྲིན་ལེན་མཚོན་བྱེད་ཀྱི་འབོད་པ་ཞིག་ཀྱང་ཡིན།དེ་ནི་ཕོ་མོའི་བརྩེ་དུངས་ཁོ་ནར་བརྗིད་པའི་གླུ་ཤགས་ལས་རྒལ་ཞིང་།ནང་དོན་ནི་དེ་ལས་ཕུན་སུམ་ཚོགས་པ་དང་སྐད་ངག་ནི་དེ་བས་ཀྱང་མཐོ་ཞིང་གསལ།ལ་གླུ་ཚིག་གསུམ་ནི་བོད་མི་རིགས་ཀྱི་དམངས་སྲོལ་ལྟར་ཆགས་ཡོད།སྤྱིར་སྔོན་གྱི་ཚིག་ཀ་གཉིས་ནི་དོན་དང་གནས་ལུགས་མཚོན་བྱེད་ཀྱི་དཔེ་རེ་བཞག་ནས་གསན་མཁན་རྣམས་ལ་བསམ་གཞིགས་དང་རེ་སྒུག་སྟེར་བ་དང་མུ་མཐུད་དུ་རྗེས་ཀྱི་ཚིག་ཀ་ནང་ནས་དོན་དངོས་སུ་ཕྱིར་གཏོན་པའི་ཁྱད་ཆོས་ལྡན།དེའི་ཉན་མཁན་པ་རྣམས་ལ་སྙན་ཞིང་འཇིབས་པའི་གདངས་ངག་གི་ཁྲོད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་གི་བྲོ་བ་ཞིག་ཀྱང་ལོངས་སུ་སྤྱོད་ནུས།

       “勒”汉语概意为山歌或牧歌,是藏族人民畅述生活激情,颂扬雪域文化,感恩日月江河,释放压抑的思绪,唱响生命原真的最佳情感寄托和表达方式。相对于藏族“拉伊对歌”,不只限于两性情爱当中,勒的内容更加包容大气,音调更加高亢嘹亮,“勒”有上下两个乐节,每节因音律所限只有8到12个字的歌词内容,一首勒要唱三段才算完整,前两段以歇后语和比喻形式,为第三段所要表达的实质内容作铺垫,使听者在优美的音乐旋律中,感受藏族语言独特的远山渐显之魅力.....

ཡུལ་ཤུལ་ནི་གནའ་ནས་གླུ་གར་གྱི་རྒྱ་མཚོ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་ལ། ནང་འདུས་ཀྱི་རྫོང་ཁག་དྲུག་གི་ནང་ནས་ཤར་གྱི་རྫོང་གསུམ་ནི་བྲོ་གཞས་དང་ནུབ་ཀྱི་རྫོང་་གསུམ་ནི་གླུ་ཡིས་དྲགས། རྫ་སྟོད་རྫོང་གིས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོབ་པའི་དགེ་རྒྱལ་བྱ་གསུམ་གྲགས་དང་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོབ་པའི་འབྲོང་པའི་མ་མོ་འབའ་རྒྱུགས་ངག་རྟ་དེ་གཉིས་གཙོར་བྱས་པའི་གངས་ལྗོངས་འབྲོག་གླུའི་ཕ་སའི་མཚན་སྙན་ཆེད།རྫ་སྟོད་རྫོང་གི་ན་གཞོན་ཆེད་མཁས་པ་ལུང་རིགས་རྒྱ་མཚོས་རྫ་སྟོད་རྫོང་དུ་ས་ཁྱབ་རྡོ་ཁྱབ་ཏུ་རྒྱུད་བཞིན་པའི་འབྲོག་གླུའི་ལེགས་འདེམས་འཚོལ་བསྡུད་བྱས །ཁོང་གིས་བཀའ་བ་ཕྲག་ཏུ་ཁུར་ནས་ལོ་གཉིས་ཀྱི་རིང་ལ་རྫོང་ཡོངས་ནས་དར་ཁྱབ་ཆེ་བ་དང་ཁྱད་ཆོས་ལྡན་པའི་གླུ་སྣ་བརྒྱ་ཡས་མས་ལེགས་འདེམས་བྱས། དེ་དག་རྫོང་དཔོན་ཚེ་དོན་འགྲུབ་དང་གསོ་ཧུ་བཅས་ཀྱིས་སྤྱིའི་འཆར་འགོད་དང་ཁུལ་གཟུགས་མེད་རིག་ཤུལ་ལྟེ་གནས་གི་ཆེད་མཁས་པ་བཀྲ་བ་གཙོར་བྱེད་པའི་བདེན་དཔང་གནངས་རྗེས།ཆེས་ཁྱད་ཆོས་ལྡན་པའི་གླུ་༣༦ལེགས་འདེམས་བྱས་ཏེ་ལྷུན་རྒྱས་ཀྱི་སྙན་ལམ་དུ་ཕུལ་བ་ཡིན།

      玉树以歌舞王国著称,下辖六县素以东三县的舞,西三县的歌而各有所长。杂多县委县政府打造以省级格吉萨松扎州级仲巴玛毛巴久"两个非遗名录为龙头的山歌之乡文化品牌,于2016年,由县领导才旦周、索河等亲自把关策划,经州非遗中心扎哇等权威专家认证,指定玉树著名学者嘎尔龙仁江措承担搜集勒(山歌)任务,历时一年多的翻山越岭,走帐窜户,深入乡间田野,搜集整理出了弥足珍贵的一百多种格仲山歌。精选出36首经典唱调出品发行《山歌飞自澜沧江》山歌专辑!近期我们将陆续推出《山歌飞自澜沧江》中的经典曲目,敬请欣赏山歌之乡的魅力........


རྫ་སྟོད་དྲ་གནས་ཀྱི་ཡན་ལག་ཚན་བྱང་སྟེ་རྫ་ཆུ་མགོ་ཁུངས་ཀྱི་རྫ་སྟོད་འཕྲིན་སྟེགས་ཀྱིས་ཁྱེད་ལ་རྣམ་པ་མི་གཅིག་པའི་ཚོར་བ་གསར་བ་ཞིག་སྦྱིན་ངེས་ཡིན།  ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་ནས་ཏག་ཏག་ཟླ་གཅིག་འགོར་བའི་དུས་དེ་རིང་རྫ་སྟོད་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་ཆེད།  རྫ་སྟོད་དྲ་གནས་སྐད་འཕྲིན་སྤྱི་སྟེགས་ལས་རྫ་ཆུ་མགོ་ཁུངས་ཀྱི་རྫ་སྟོད་འཕྲིན་སྟེགས་ཀྱི་ཚན་བྱང་དངོས་སུ་བཀོལ་མགོ་བརྩམས་པ་དང་། དེ་ལས་རྫ་སྟོད་ཀྱི་གནས་ཚུལ་གསར་བ་ལས་གཞན་སྤྱི་ཚོགས་གནས་ཚུལ་དང་གཏམ་བརྗོད། དམངས་ཚིས་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་སྲུང་སྐྱོང་། དྲིལ་བསྒྲགས་འོས་སྦྱོར་དང་ཆ་འཕྲིན་སྤེལ་གཏོང་། བརྡ་འཕྲིན་གསལ་བསྒྲགས་སོགས་ཀྱི་ནང་དོན་སྤེལ་ངེས་ཡིན།  རྫ་ཆུ་མགོ་ཁུངས་ཀྱི་རྫ་སྟོད་འཕྲིན་སྟེགས་ཀྱི་ཚན་བྱང་ལ་མཚོན་ན་ད་ལོའི་ཟླ་གསུམ་པའི་ཟླ་སྟོད་ལ་རྫ་སྟོད་འཕྲིན་སྟེགས་ལས་བོད་འགྱུར་མའི་ནང་དོན་སྤེལ་མགོ་བརྩམས་རྗེས་ཡང་བསྐྱར་ལས་མགོ་བརྩམས་པའི་གསར་གཏོད་ཀྱི་ཆ་ཞིག་ཡིན་ངེས་ལ།   དེས་ཁྱེད་རང་ལ་རྒྱ་བོད་ཡིག་གཉིས་ཀྱི་ལམ་ནས་རྫ་སྟོད་འཕྲིན་སྟེགས་ཀྱི་ནང་དོན་ལ་བཀླགས་ཐུབ་པ་མ་ཟད། ང་རང་ཚོའི་རྫ་སྟོད་ས་ཆའི་གནས་ཚུལ་དང་གཏམ་རྒྱུད་ཡོད་ཚད་སྒྲ་ལམ་ནས་གསན་ཆོག་པར་བྱས་ཡོད་པས།  གལ་ཏེ་ཁྱེད་རང་གིས་རྗེས་ཕྱོགས་སྒྲ་ལམ་ནས་སྐད་འཇོག་འདོད་ཚེ་གཤམ་གྱི་ཡིག་ཟམ་བརྒྱུད་ནས་ང་ཚོ་ལ་བསྐུར་ཆོག

     ‘’杂多在线‘’微信平台《澜沧杂多微电台》栏目,发布杂多实时动态、社情言论、民生关注、文化旅游、生态环保、宣传推介、信息发布、通知公告等。《澜沧杂多微电台》是继2017年三月初,‘’杂多在线‘’微信平台藏语版开通后又一重大创举,旨在让您藏汉双语阅读‘’杂多在线‘’的同时,倾听咱杂多的新闻故事!若有语音投稿,请发至zdxxcb@163.com,敬请关注哦!